当前位置: 首页 / 新闻中心 / 市政要闻

关于城区及周边禁止放养家禽家畜的通告

2023年06月02日 05时04分

【字体:

打印本文

分享:

关于城区及周边禁止放养家禽家畜的通告

为切实加强城区及周边市容环境卫生管理,杜绝放养畜禽妨碍公共交通、破坏绿化、啃食植被、乱排粪便、损坏城市公共设施、影响城市环境卫生和市容市貌等现象,全面提升城区卫生质量和人居环境,保障人民群众身体健康和维护公共场所安全,打造“干净、整洁、畅通、文明、和谐”的昌都市容环境。根据《中华人民共和国公路法》《中华人民共和国动物防疫法》《公路安全保护条例》《城市市容和环境卫生管理条例》等法律法规和有关规定,结合我市环境卫生综合整治工作要求,现就实行在城市建成区内及城中范围内全面禁止放养牛、羊等家畜家禽有关事宜通告如下:

一、《城市市容和环境卫生管理条例》第三十三条规定,禁任何单位和个人在城市建成区等公共场所随地放养家畜家禽(主要指牛、鸡、鸭、鹅、兔、羊、猪、驴等家畜)。因教学、科研以及其他特殊需要饲养的应当圈养,但不得影响周围环境卫生。

二、禁止放养家禽家畜的范围:城市建成区(具体指:夏通街、野猪坝、野堆村、生格村以内的卡若区城区及周边主街道、次干道、公园、广场、绿地、居民生活小区等公共场所)。

三、饲养单位或个人应当防止家畜家禽进入城区妨碍公共交通、损坏城市公共设施、破坏绿地及绿化设施、影响市容和环境卫生。如因家禽家畜管理不当造成损失,由牲畜所有单位或个人按照法律法规承担法律责任。

对城区放养牲畜的行为由公安机关、公路交通、城市管理、农业农村、卫生防疫、林草等部门按照各自部门职能依法依规进行查处予以依法处理,构成犯罪的,依法追究刑事责任。

四、城区居民圈(拴)养的家畜家禽,不得影响环境卫生。畜主必须担起主体责任,落实好防疫、消毒和粪污处理等工作,应当按照国家有关规定做好病死动物、病害动物产品的无害化处理(深埋、焚烧等)或委托动物和动物产品无害化处理场所处理,并加强消毒,防止疫病传播扩散。畜禽粪便应当按照相关规定处理,禁止随意丢弃或倒入城市垃圾池(桶)。

五、城区居民饲养犬类等宠物,不得影响居民的正常生活。应当按照规定定期免疫接种狂犬病疫苗,对可能伤害他人的宠物,要严加看管。遛狗必须栓绳,大型犬类外出应带嘴套,宠物在公共场所所产生的粪便由主人立即清理。

六、城区各街道、社区应当通过各种形式深入宣传国家法律法规的规定以及创建国家级卫生城市的工作要求,做好日常巡查工作。辖区机关、企事业单位、人民团体、社会组织、物业管理等单位应积极支持与配合,加强干部职工、住户的思想教育,做好本单位、住宅区的家畜家禽圈(拴)养工作。

七、任何单位和个人不得阻挠、干扰和扰乱整治工作。对于妨碍行政执法工作的,将依法追究其法律责任。

、城区范围内养殖户(场)自本通告发布之日起30天内,自行处理放养的畜禽进行圈养,对逾期未自行处理放养的畜禽的,将组织城市管理、生态环境、公安、农牧等有关部门开展联合执法检查进行依法处理。

、本通告自发布之日起实施。

特此通告

监督举报电话:0895-4848711

昌都市城市管理和综合执法局

2023年62


———————————————————————

གྲོང་ཁྱེར་ནང་ཁུལ་དང་ཉེ་འཁོར་དུ་ཁྱིམ་བྱ་སྒོ་ཕྱུགས་སོགས་གསོ་གཏོང་བྱས་མི་ཆོག་པའི་སྐོར་གྱི་གསལ་བརྡ།

གྲོང་ཁྱེར་ནང་ཁུལ་དང་ཉེ་འཁོར་གྱི་གྲོང་རྣམ་ཁོར་ཡུག་འཕྲོད་བསྟེན་དོ་དམ་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། ཁྱིམ་བྱ་སྒོ་ཕྱུགས་ཀྱིས་སྤྱི་པའི་འགྲིམ་འགྲུལ་ལ་འགོག་རྐྱེན་བཟོ་ཞིང་། སྔོ་ཁེབས་ལ་གཏོར་སྐྱོན་བཟོ་བ། ཤིང་ཤུན་ཟ་བ། བཙོག་བྲུན་གང་བྱུང་གཏོང་བ། གྲོང་ཁྱེར་གྱི་སྤྱི་པའི་སྒྲིག་ཆས་ལ་གཏོར་སྐྱོན་བཟོ་བ། གྲོང་ཁྱེར་གྱི་ཁོར་ཡུག་འཕྲོད་བསྟེན་དང་གྲོང་ཁྱེར་གྱི་རྣམ་པར་ཤུགས་རྐྱེན་བཟོ་བ་སོགས་ཀྱི་སྣང་ཚུལ་གཏན་འགོག་བྱེད་པ་དང་། གྲོང་ཁུལ་གྱི་འཕྲོད་བསྟེན་སྤུས་ཚད་དང་མི་འཚོ་སྡོད་ཁོར་ཡུག་ཁྱོན་ཡོངས་ནས་ལེགས་སུ་གཏོང་བ། མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་འགན་ལེན་བྱེད་པ། སྤྱི་པའི་འདུ་གནས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ།གཙང་ཞིང་གྲལ་འགྲིག་པ་དང་། ཡངས་ཤིང་བགྲོད་བདེ་པ། མཐུན་ཞིང་ཡ་རབས་ལྡན་པ་བཅས་ཀྱི་ཆབ་མདོའི་གྲོང་རྣམ་ཁོར་ཡུག་ཡག་པོ་བསྐྲུན་པའི་ཆེད་དུ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་བཅའ་ཁྲིམསདང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོག་ཆགས་རིམས་འགོག་བཅའ་ཁྲིམས》《གཞུང་ལམ་བདེ་འཇགས་སྲུང་སྐྱོང་སྲོལ་ཡིག》《གྲོང་ཁྱེར་གྱི་གྲོང་རྣམ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་སྲོལ་ཡིགསོགས་བཅའ་ཁྲིམས་ཁྲིམས་སྲོལ་དང་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཞིང་། རང་རེའི་གྲོང་ཁྱེར་གྱི་ཁོར་ཡུག་འཕྲོད་བསྟེན་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་གྱི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ། ད་ལྟ་གྲོང་ཁྱེར་གྱི་འཛུགས་སྐྲུན་ཁུལ་དང་དེ་བཞིན་གྲོང་ཁྱེར་ནང་ཁུལ་གྱི་ཁྱབ་ཁོངས་སུ་ཟོག་ལུག་སོགས་ཁྱིམ་བྱ་སྒོ་ཕྱུགས་གསོ་ཚགས་བྱེད་རྒྱུ་ཁྱོན་ཡོངས་ནས་གཏན་འགོག་བྱེད་པའི་འབྲེལ་ཡོད་དོན་དག་བརྡ་ཁྱབ་བཏང་བ་གཤམ་གསལ།

གཅིགགྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་སྲོལ་ཡིགགི་དོན་ཚན་33པའི་ནང་དུ། ཚན་པ་དང་མི་སྒེར་གང་རུང་གིས་གྲོང་ཁྱེར་འཛུགས་སྐྲུན་ཁུལ་སོགས་སྤྱི་པའི་འདུ་གནས་སུ་སྒོ་ཕྱུགས་དང་ཁྱིམ་བྱ་གང་སར་གསོ་གཏོང་བྱས་མི་ཆོགགཙོ་བོ་བ་གླང་དང་བྱ་དེ། ངང་པ། རི་བོང་། ལུག  ཕག་པ། བོང་བུ་སོགས་སྒོ་ཕྱུགས་ལ་ཟེར།སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་དང་དེ་མིན་དམིགས་བསལ་གྱི་དགོས་མཁོ་ཡོད་པའི་དབང་གིས་གསོ་ཚགས་བྱེད་དགོས་པ་རྣམས་ར་བའི་ནང་དུ་གསོ་སྤེལ་བྱེད་དགོས། འོན་ཀྱང་ཉེ་འཁོར་གྱི་ཁོར་ཡུག་འཕྲོད་བསྟེན་ལ་ཤུགས་རྐྱེན་བཟོས་མི་ཆོག་པའི་གཏན་འབེབས་བྱས་ཡོད།

གཉིས། ཁྱིམ་བྱ་སྒོ་ཕྱུགས་གསོ་གཏོང་བྱེད་མི་ཆོག་པའི་ཁྱབ་ཁོངས། གྲོང་ཁྱེར་འཛུགས་སྐྲུན་ཁུལ།བྱེ་བྲག་ཏུ་བཤད་ན།སྐྱ་ཐང་སྲང་ལམ་དང་རྫ་ཟམ་ཁ། གཡེར་སྟོད་གྲོང་ཚོ།སེང་གེ་གྲོང་ཚོའི་ནང་ཁུལ་གྱི་ཁ་རུབ་ཆུས་གྲོང་ཁུལ་དང་ཉེ་འཁོར་གྱི་སྲང་ལམ་གཙོ་བོ།གཞུང་ལམ་ཕལ་བ།སྤྱི་གླིང་། ཐང་ཆེན། སྤང་། གྲོང་མི་འཚོ་སྡོད་ཁུལ་སོགས་མི་མང་འདུ་ར་གོ

གསུམ།གསོ་ཚགས་ལས་ཁུངས་དང་མི་སྒེར་གྱིས་སྒོ་ཕྱུགས་དང་ཁྱིམ་བྱ་གྲོང་ཁྱེར་དུ་ཡོང་ནས་སྤྱི་སྤྱོད་འགྲིམ་འགྲུལ་ལ་བཀག་འགོག་བྱེད་པ་དང་གྲོང་ཁྱེར་གྱི་སྤྱི་སྤྱོད་སྒྲིག་ཆས་ལ་གཏོར་སྐྱོན་གཏོང་བ།སྤང་ས་དང་ལྗང་སྒྱུར་སྒྲིག་ཆས་ལ་གཏོར་བརླག་གཏོང་བ།གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་གི་གཙང་སྦྲ་ལ་ཤུགས་རྐྱེན་ངན་པ་བཟོ་བའི་གནོད་པ་དེ་དག་སྔོན་འགོག་བྱ་དགོས། གལ་ཏེ་ཁྱིམ་བྱསྒོ་ཕྱུགས་ལ་དོ་དམ་ལེགས་པོ་མ་བྱས་པའི་རྐྱེན་གྱིས་གྱོང་གུན་བཟོས་པ་ཡིན་ན།ཕྱུགས་རིགས་གསོ་སྤེལ་བྱེད་མཁན་གྱི་སྡེ་ཚན་ནམ་མི་སྒེར་གྱིས་བཅའ་ཁྲིམས་ཁྲིམས་སྲོལ་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས།

གྲོང་ཁུལ་དུ་ཕྱུགས་རིགས་གསོ་གཏོང་བྱེད་པའི་བྱ་སྤྱོད་བྱུང་བ་ཡིན་ན།སྤྱི་བདེ་ལས་ཁུངས་དང་གཞུང་ལམ་འགྲིམ་འགྲུལ།གྲོང་ཁྱེར་དོ་དམ།ཞིང་ལས་གྲོང་གསེབ།འཕྲོད་བསྟེན་རིམས་འགོག  ནགས་རྩྭ་སོགས་སྡེ་ཚན་གྱིས་རང་སོ་སོའི་སྡེ་ཚན་གྱི་འགན་ནུས་ལ་གཞིགས་ཏེ།ཁྲིམས་ལུགས་སྒྲིག་སྲོལ་ལྟར་བཤེར་གཅོད་བྱེད་པ་དང་ཁྲིམས་ལྟར་ཐག་གཅོད་བྱེད་དགོས་ལ།ཉེས་གསོག་གི་ཚད་ལ་སླེབས་ཡོད་ན་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས།

བཞི།གྲོང་ཁྱེར་སྡོད་དམངས་ཀྱིས་སྡོམ་གསོ་འདོགས་གསོབྱས་པའི་སྒོ་ཕྱུགས་དང་ཁྱིམ་བྱ་ཡིས་ཡུལ་ཁམས་ཀྱི་གཙང་སྦྲར་གནོད་འགལ་བཟོས་མི་ཆོགཕྱུགས་བདག་གིས་ངེས་པར་དུ་བྱེད་པོའི་འགན་འཁྲི་འཁུར་ནསརིམས་འགོག་དང་དུག་སེལ།ལུད་བཙོག་གཙང་སེལ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་ཤིང་།ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟརནད་ཕོག་ནས་ཤི་བའི་སྲོག་ཆགས་དང་ནད་ཀྱིས་གནོད་པའི་སྲོག་ཆགས་ཀྱི་ཐོན་རྫས་གནོད་མེད་ཅན་དུ་བསྒྱུར་བའི་ཐག་གཅོད་བྱེད་པས་འོག་ཏུ་སྦས་པ་དང་མེར་སྲེག་པ་སོགས་ཡང་ན་སྲོག་ཆགས་དང་སྲོག་ཆགས་ཀྱི་ཐོན་རྫས་གནོད་མེད་ཐག་གཅོད་བྱེད་མཁན་སྡེ་ཚན་ལ་ཐག་གཅོད་བྱེད་པའི་མངག་བཅོལ་བྱེད་དགོས་པ་མ་ཟད།ད་དུང་དུག་སེལ་བྱེད་པར་ཤུགས་སྣོན་བརྒྱབ་ནསརིམས་ནད་འགོས་མཆེད་བྱུང་བར་སྔོན་འགོག་བྱེད་དགོས། ཕྱུགས་ལུད་དེ་འབྲེལ་ཡོད་གཏན་འབེབས་ལྟར་ཐག་གཅོད་བྱེད་དགོས་པ་ལས།གང་འདོད་དུ་གྲོང་ཁྱེར་གྱི་སྙིགས་སྣོད་དུ་འཕེན་མི་ཆོག

ལྔ།གྲོང་ཁུལ་སྡོད་དམངས་ཀྱིས་གསོ་ཚགས་བྱས་པའི་ཁྱིསོགས་གཅེས་ཉར་སྲོག་ཆགས་ཀྱིས་གྲོང་མིའི་རྒྱུན་ལྡན་གྱི་འཚོ་བར་ཤུགས་རྐྱེན་བཟོས་མི་ཆོག གཏན་འབེབས་ལྟར་དུས་བཀག་ནང་ཁྱི་སྨྱོན་ནད་ཀྱི་རིམས་འགོག་སྨན་ཁབ་རྒྱག་དགོས་པ་དང་།མི་གཞན་ལ་གནོད་འཚེ་གཏོང་སྲིད་པའི་གཅེས་ཉར་སྲོག་ཆགས་རིགས་ལ་ལྟ་སྐྱོང་ནན་པོ་བྱ་དགོས། ཁྱི་ཁྲིད་ནས་འགྲོ་དུས་ངེས་པར་དུ་ཁྱི་ཁྲིད་ཐག་པས་འདོགས་དགོས་ཤིང་།ཁྱིའི་རིགས་ཆེ་གྲས་ཕྱི་ལ་ཁྲིད་དུས་མཆུ་ཤུབས་འཁྱེར་དགོས་པ་མ་ཟད།གཅེས་ཉར་སྲོག་ཆགས་ཀྱིས་མི་མང་འདུ་སར་བཏང་བའི་གཅིན་རྟུག་དེ་བདག་པོ་རང་གིས་ལམ་སེང་གཙང་སེལ་བྱེད་དགོས།

དྲུགགྲོང་ཁུལ་གྱི་ཁྲོམ་གཞུང་དང་སྡེ་ཁུལ་ཁག་གིས་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས།རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབསདེ་བཞིན་རྒྱལ་ཁབ་རིམ་པའི་འཕྲོད་བསྟེན་གྲོང་ཁྱེར་གཏོད་པའི་ལས་ཀའི་བླང་བྱ་དྲིལ་བསྒྲགས་གཏིང་ཟབ་བྱེད་དགོས་ལ། དུས་རྒྱུན་གྱི་སྐོར་ཞིབ་ལས་དོན་ཡག་པོ་སྒྲུབ་དགོས། ཁོངས་གཏོགས་ལས་ཁུངས་དང་ཁེ་ལསབྱ་གཞག་ཚན་པམི་དམངས་ཚོགས་པ།སྤྱི་ཚོགས་རྩ་འཛུགས།སྡེ་ལས་དོ་དམ་སོགས་ཚན་པས་རྒྱབ་སྐྱོར་དང་གཞོགས་འདེགས་ཧུར་ཐག་བྱེད་དགོས་ལ།ལས་བྱེད་ལས་བཟོ་དང་སྡོད་མཁན་ལ་བསམ་བློའི་སློབ་གསོ་གཏོང་བར་ཤུགས་སྣོན་བརྒྱབ་སྟེཚན་པ་དང་སྡོད་ཁུལ་གྱི་ཁྱིམ་བྱ་སྒོ་ཕྱུགས་སྡོམ་གསོ་འདོགས་གསོཡག་པོ་བྱ་དགོས།

བདུན།སྡེ་ཚན་གང་དང་སྐྱེ་བོ་སུ་ཞིག་གིས་ཀྱང་དག་ཐེར་བཅོས་སྐྱོང་གི་ལས་ཀར་བཀག་འགོག་དང་འགལ་རྐྱེན།ཟིང་ཆ་བཅས་བཟོས་མི་ཆོགསྲིད་འཛིན་ཁྲིམས་འཛིན་ལས་དོན་ལ་འགོག་རྐྱེན་བཟོ་རིགས་ལ་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ།

བརྒྱད།གྲོང་ཁུལ་གྱི་ཁྱབ་ཁོངས་ནང་དུ་གསོ་སྤེལ་བྱེད་མཁན་གྱི་དུད་ཚངར་བགིས་གསལ་བརྡ་འདི་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ཉིན་30ནང་ཚུན་དུགསོ་གཏོང་བྱས་པའི་ཁྱིམ་བྱ་སྒོ་ཕྱུགས་རང་དགར་གྱིས་སྡོམ་གསོ་བྱེད་དགོས།དུས་ལས་ཡོལ་ཀྱང་ཁྱིམ་བྱ་སྒོ་ཕྱུགས་རང་དགར་ཐག་གཅོད་མ་བྱས་པའི་རིགས་ལ།གྲོང་ཁྱེར་དོ་དམ་དང་འབྱུང་ཁམས་ཁོར་ཡུག  སྤྱི་བདེ།ཞིང་འབྲོག་སོགས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ནསམཉམ་འབྲེལ་ཐོག་ཁྲིམས་འཛིན་ཞིབ་བཤེར་བྱས་ཏེ་ཁྲིམས་ལྟར་ཐག་གཅོད་བྱེད་རྒྱུ

དགུ།གསལ་བརྡ་འདི་ཁྱབ་བསྒྲགས་བྱས་ཉིན་ནས་ལག་ལེན་དུ་བསྟར་རྒྱུ།

ཆེད་དུ་གསལ་བརྡ་བྱས་པ་ཡིན།

ལྟ་སྐུལ་ཐེར་འདོན་ཁ་པར་ཨང་གྲངས།0895-4848711

ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་འཛིན་ཅུད།

2023ལོའི་ཟླ་6པའི་ཚེས་2ཉིན།

扫一扫在手机打开当前页

相关信息